首頁 >> 法務新聞 > 正文
北頂法王 怙主果碩仁波切2019年新春祝福

使用閱讀模式



ས་ཕག་གནམ་ལོ་གསར་པའི་དགའ་སྟོན་ལ། །    བསླབ་གསུམ་ངུར་སྨྲིག་འཛིན་པའི་དགེ་འདུན་སྡེ། །
བཤད་སྒྲུབ་ཐོས་བསམ་སྒོམ་པའི་དུས་འདའ་བའི།་།   དགེ་ལེགས་ཡར་ངོའི་ཟླ་བཞིན་འཕེལ་བར་སྨོན། །
願于己亥新年歡慶宴,執持三學袈裟僧伽眾,
講習聞思修行度其時,妙善增長猶如上弦月!
 
མཆོག་གསུམ་ཐུགས་རྗེ་རྟེན་འབྲེལ་སླུ་མེད་མཐུས།    ས་མོ་ཕག་གི་གནམ་ལོ་གསར་པ་ལ། །
ཚེ་བསོད་དབང་རླུང་ཆུ་བོའི་རྒྱུན་བཞིན་དུ། །   ཉམས་པ་མེད་པའི་བཀྲ་ཤིས་བདེ་ལེགས་ཞུ། །
三寶大悲無欺緣起力,恭祝諸位己亥新年中,
福壽權勢鴻運若河流,饒盛無衰吉祥恒如意!
 
བཀྲ་ཤིས་བསོད་ནམས་ཚོགས་ཀྱི་མཁའ་དབྱིངས་སུ།    བདེ་ལེགས་ཆུ་འཛིན་འཁྲིགས་པའི་ལྡིང་ཁང་ནས།།
ཕུན་ཚོགས་ལེགས་བྱས་དགེ་བའི་ཆར་བབས་ཏེ།།   འགྲོ་ཀུན་གནམ་ལོ་གསར་པར་བདེ་གྱུར་ཅིག །
吉祥福德資糧虛空界,密佈樂善慶雲彩帳中,
降澍圓滿福祚妙善雨,願諸眾生新年恒安樂!
 
ས་མོ་ཕག་གི་གནམ་ལོའི་ཚེས་བཟང་ཉིན། །   འཛམ་གླིང་ས་ཆེན་གོ་ལའི་དཀྱིལ་འཁོར་འདིར། །
བྱམས་དང་བརྩེ་བའི་དྲོད་ཀྱི་རྒྱུད་གཏམས་པའི། །   འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་གྱུར་ཅིག །
時逢己亥新年吉祥日,此贍部洲大地遍寰瀛,
慈愛悲湣溫暖盈無盡,願諸眾生享利樂吉祥!
 
མི་འགྱུར་དད་དམ་གཙང་མའི་ས་གཞི་ལ། །   བཀྲ་ཤིས་དགེ་བའི་འདབ་སྟོང་རབ་བཞད་དེ། །
བདེ་ལེགས་ཟེའུ་འབྲུའི་བཅུད་ཀྱིས་འཚོ་བ་ཡི། །   འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་ལྡན་པར་ཤོག །
不變清淨信誓田地上,吉祥妙善千瓣廣敷榮,
樂善香蕊精華所滋養,願諸眾生具法財安樂!
 
ས་ཕག་གནམ་ལོ་རྟེན་འབྱུང་དགའ་བའི་ཚལ། །   བཀྲ་ཤིས་མེ་ཏོག་ཚོགས་ཀྱིས་ཡོངས་གང་སྟེ། །
བདེ་ལེགས་བྱམས་བརྩེ་དྲི་བསུང་འཐུལ་བ་ཡི། །   ཡངས་པའི་ས་ཆེན་ཀུན་ཏུ་བདེ་གྱུར་ཅིག །
願己亥年緣起喜苑中,普遍開滿吉祥妙華叢,
樂善慈悲芬芳遍馨逸,廣袤大地隨處現安樂!
 
ཞེས་བོད་ས་མོ་ཕག་གི་ལོའི་གནམ་ལོ་གསར་བའི་བཀྲ་ཤིས་རྟེན་འབྲེལ་གྱི་དགའ་སྟོན་ལ་བྱང་རྩེ་ཆོས་རྗེ་
སྐྱབས་རྗེ་སྒོ་སོག་རིན་པོ་ཆེས་ཇི་ལྟར་སྨོན་པ་བཞིན།  ཐའེ་ཝན་སྒོ་སོག་དགོན་པ་བརྩེ་ཆེན་ཀུན་ཕན་གླིང་ནས་ཕུལ།།
 
蔣孜曲傑怙主果碩仁波切恭祝藏曆土豬(己亥)年新春快樂之吉祥頌辭如上,台灣果碩大慈普利寺奉。
 


 

轉載請註明出處,所有文字、圖片、視頻等以果碩普利協會網站上最新版本爲準。

上一篇  【活動剪影】歸依及大威德金剛超薦暨息災增福火供法會
下一篇  最后一页