དགེ་ལུགས་སྨོན་ལམ་ཆེན་མོ།

使用閱讀模式

ཐེ་ཝན་དགེ་ལུགས་སྨོན་ལམ་ཆེན་མོ་སྐབས་དང་པོའི་མཛད་རིམ།
༄།།བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི། བོད་ཟླ་   ༦ ཚེས་  ༢༠ དང་། སྤྱི་ལོ་ ༢༠༡༨ ་ཟླ་བ་ ༨  ཚེས་ ༢ ཉིན་འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་དཔལ་བཟང་པོ་མཆོག་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་བཅས་དབུ་ཞུགས་ཀྱིས་ཐེ་ཝན་དགེ་ལྡན་སྨོན་ལམ་ཆེན་མོ་སྐབས་དང་པོའི་མཛད་རིམ་གཤམ་གསལ།
 
སྤྱི་ཟླ་ ༨ ཚེས་ ༢ ནས ༣ བར་ཉིན་གཉིས་རིང་
སྔ་དྲོའི་ཆུ་ཚོད་ ༩/༠༠ ནས་ཆུ་ཚོད་ ༡༠/༠༠ བར་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་གཉིས་རྒྱ་སྐད་ཀྱི་དབུ་མཛད་ཟུར་དུ་གྲ་སྒྲིག་ཡོད་པ་ལྟར་རྒྱ་སྐད་ཐོག་ནས་གསུང་རྒྱུ།
སྔ་དྲོའི་ཆུ་ཚོད་ ༡༠/༠༠ ནས ༡༠/༣༠ བར་ཚད་མ་དང་། ཕར་ཕྱིན་གྱི་དམ་བཅའ་འཚོག་རྒྱུ།
སྔ་དྲོའི་ཆུ་ཚོད་ ༡༠/༣༠ ནས་ ༡༢/༠༠ བར་འཇམ་མགོན་༧རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ནས་སྐྱེས་རབས་སོ་བཞི་པའི་གསུང་ཆོས་གནང་རྒྱུ།
ཉིན་གུང་ཆུ་ཚོད་ ༡༢/༠༠ ནས་ ༡/༠༠ བར་ཉིན་གུང་ཞལ་ལག་གནང་རྒྱུ།
 
ཕྱི་དྲོའི་ཆུ་ཚོད་ ༡/༠༠ ནས་ ༢/༠༠ བར་གུང་ཚིགས་ཞལ་འདོན་གསུང་རྒྱུ།
ཕྱི་དྲོའི་ཆུ་ཚོད་ ༡༤/༠༠ ནས་ ༡༤/༣༠ བར་དབུ་མ་དང་། མངོན་པ། འདུལ་བ་བཅས་ཀྱི་དམ་བཅའ་འཚོག་རྒྱུ།
ཕྱི་དྲོའི་ཆུ་ཚོད་ ༢/༣༠ ནས་ ༣/༠༠ བར་སྐུ་གསང་གི་བར་གསེང་འཇོག་རྒྱུ།
ཕྱི་དྲོའི་ཆུ་ཚོད་ ༣/༠༠ ནས་ ༦/༠༠ བར་སྨོན་ལམ་སྐམ་ཚོགས་ཀྱི་ཞལ་འདོན་གསུང་རྒྱུ།
 
༼སྤྱི་ཟླ་ ༨ ཚེས་ ༢ སྨོན་ལམ་ཉིན་དང་པོའི་དགོང་མོའི་ཆུ་ཚོད་ ༦/༣༠ ནས་ ༩/༠༠ བར་འཇམ་མགོན་༧རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་་རྡོ་རྗེ་འཆང་མཆོག་ནས་རྟེན་འབྲེལ་བསྟོད་པའི་བཤད་ལུང་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བཀའ་དབང་གནང་རྒྱུ།
༼སྤྱི་ཟླ་ ༨ ཚེས་ ༣ སྨོན་ལམ་ཉིན་གཉིས་པའི་དགོང་མོའི་ཆུ་ཚོད་ ༦/༣༠ ནས་ ༩/༠༠ བར་མཚུངས་མེད་ཤར་པ་ཆོས་རྗེ་༧སྐྱབས་རྗེ་བློ་བཟང་རྡོ་རྗེ་རིན་པོ་ཆེ་མཆོག་ནས་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་དང་། སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་རྒྱུ།
 
སྤྱི་ཟླ་ ༨ ཚེས་ ༤ སྨོན་ལམ་ཉིན་གསུམ་པའི་མཛད་རིམ།
 
སྔ་དྲོའི་ཆུ་ཚོད་ ༨/༠༠ ནས་ཆུ་ཚོད་ ༩/༠༠ བར་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་རྒྱ་སྐད་ཐོག་ནས་གསུང་རྒྱུ།
སྔ་དྲོའི་ཆུ་ཚོད་ ༩/༠༠ ནས་ ༡༠/༣༠ བར། འཇམ་མགོན་༧རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་བཅས་ལ་ལྷན་དུ་བརྟན་བཞུགས་འབུལ་རྒྱུ། 
 
སྔ་དྲོའི་ཆུ་ཚོད་ ༡༠/༣༠ ནས ༡༡/༠༠ བར་ཚད་མ་དང་། ཕར་ཕྱིན་གྱི་དམ་བཅའ་འཚོག་རྒྱུ།
སྔ་དྲོའི་ཆུ་ཚོད་ ༡༡/༠༠ ནས་ ༡༢/༣༠ བར་འཇམ་མགོན་༧རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ནས་སྐྱེས་རབས་སོ་བཞི་པའི་གསུང་ཆོས་གནང་རྒྱུ།
ཉིན་གུང་ཆུ་ཚོད་ ༡༢/༣༠ ནས་ ༡/༣༠ བར་ཉིན་གུང་ཞལ་ལག་གནང་རྒྱུ།
ཕྱི་དྲོའི་ཆུ་ཚོད་ ༡/༣༠ ནས་ ༢/༣༠ བར། གུང་ཚིགས་ཞལ་འདོན་གསུང་རྒྱུ།
ཕྱི་དྲོའི་ཆུ་ཚོད་ ༢/༣༠ ནས་ ༣/༠༠ བར་དབུ་མ་དང་། མངོན་པ། འདུལ་བ་བཅས་ཀྱི་དམ་བཅའ་འཚོག་རྒྱུ།
ཕྱི་དྲོའི་ཆུ་ཚོད་ ༣/༠༠ ནས་ ༣/༣༠ བར་སྐུ་གསང་གི་བར་་གསེང་འཇོག་རྒྱུ།
ཕྱི་དྲོའི་ཆུ་ཚོད་ ༣/༣༠ ནས་ ༦/༠༠ བར་སྨོན་ལམ་སྐམ་ཚོགས་ཀྱི་ཞལ་འདོན་གསུང་རྒྱུ།
༼དགོང་མོའི་ཆུ་ཚོད་ ༦/༣༠ ནས་ ༩/༠༠ བར་མཚུངས་མེད་བྱང་རྩེ་ཆོས་རྗེ་༧སྐྱབས་རྗེ་སྒོ་སོག་རིན་པོ་ཆེ་མཆོག་ནས་ཡོན་ཏན་གཞིར་གྱུར་མའི་བཤད་ལུང་དང་། ཕྱག་ན་རྡོ་རྗེའི་བཀའ་དབང་གནང་རྒྱུ་བཅས་ཡིན།།

以上係【藏文版】2018祈願大法會行程表

 
 
 

 

轉載請註明出處,所有文字、圖片、視頻等以果碩普利協會網站上最新版本爲準。

上一篇  蔣孜曲傑 怙主果碩仁波切將講解《功德本頌》及主持護摩等
下一篇  最后一页